གཙོ་ངོས། - ཐེམ་སྤངས་མ་ཡིག་གསར་དྲ་བ།

ཐེམ་སྤངས་མ་ཡིག་གསར་དྲ་བ་ནི། དེང་རབས་ལག་རྩལ་གསར་ཤོས་ལ་གཞི་བཅོལ་ཞིང་། གནའ་བྲིས་དཔེ་རྒྱུན་ཁུངས་མ་ཡིས་ཟུར་བརྒྱན་ཏེ་དབུ་བརྙེས་པ་ཞིག་ཀྱང་ཡིན། དེ་ཡང་གཞི་གྲངས་ཅན་དང་། ཚབ་ཨང་ཅན་དུ་བྱས་པས། གཞན་དང་གཞན་ན་མཐོང་དུ་མེད་པའི་གནས་ཀྱང་མང་། འོ་ན། འདིའི་ཁྱད་ཆོས་གཙོ་བོ་རྣམས་གང་ནས་མངོན་ཡོང་ཞེ་ན། གཏག་སྒྲིག་གི་ཞིབ་ཚགས། བཤུ་འགོད་ཀྱི་མྱུར་སྐྱེན། རྐྱོང་སྐུམ་གྱི་ལྡེམ་ཤུགས། སྒུལ་སྣུར་གྱི་མགྱོགས་འགྲོས། འདེད་བཙིར་གྱི་སྟབས་བདེ། འཐེན་སྤོར་གྱི་སྐད་ཅིག་མ་སོགས་ལས་ཀྱང་ངེས་པར་འབྱུང་། འདི་གར་པར་དབང་རང་གི་ཡིན་པའི་བྷོད་གཟུགས་སྣ་ཚོགས་ཀྱི་གཏེར་ཁ་མཆིས་པར་མ་ཟད། ཧི་གཟུགས་དང་སྨོན་གཟུགས། པཎ་གཟུགས་སོགས་ཀྱང་ཁྱད་དུ་མི་གསོད་ཅིང་གཞན་དུ་མི་གཅོད་པས་ན། སོ་སོའི་ཁམས་དབང་མོས་པ་ལྟར་ཕབ་ལེན་དང་སྒྲིག་འཇུག་བྱ་ཆོག་པའོ།།